རུས་སྦལ།

ཡོང་ཁུངས་Wikipedia
རུས་སྦལ།
རུས་སྦལ

རུས་སྦལ་ནི་སྒོང་སྐྱེས་སྲོག་ཆགས་ཀྱི་རིགས་གཅིག་རེད།

རུས་སྦལ་ནི་ལྟོ་འགྲོའི་སྲོག་ཆགས་སྐོར་ཡིན་ལ་ད་ལྟ་གནས་ཡོད་པའི་གནའ་བོའི་ལྟོ་འགྲོའི་སྲོག་ཆགས་ཡིན། ཁྱད་ཆོས་ནི་ལུས་སྟེང་དུ་ཧ་ཅང་སྲ་མོ་ཡིན་པའི་སྐོགས་ཤུན་ཡོད་པ་དང་ཉེན་ཁ་དང་འཕྲད་དུས་མགོ་བོ་དང་རྔ་མ། སུག་བཞི་སྐོགས་ཤུན་ནང་དུ་འཛུལ་བ་ཡིན། རུལ་སྦལ་ཕལ་ཆེ་བ་ཤ་གཟན་ཡིན། ཉ་ཆུང་དང་དུང་འབུ། འབུ་གློ་ཉ་སོགས་ཟ་བ་ཡིན་ལ་རྩི་ཤིང་གི་རྩ་བ་ཡང་ཟ།

རུས་སྦལ་རིགས་གསུམ་དུ་དབྱེ། ཆུ་སྦལ་དང་ས་སྦལ། སྐམ་ཆུ་གཉིས་གནས་ཀྱི་རུས་སྦལ་བཅས་གསུམ་ཡིན་ལ། རུས་སྦལ་ནི་སྤྱིར་སྤྱི་མིང་ཡིན་མོད་ཡིན་ཡང་དུས་རྒྱུན་གཙོ་བོར་རྩྭ་སྦལ་ལ་གོ རུས་སྦལ་གྱི་སུག་བཞི་ནི་འཚོ་བའི་ཁོར་ཡུག་འགྱུར་ལྡོག་བྱུང་བ་དང་སྦྲགས་ནས་འཕྲོད་ཤས་ཅན་གྱི་འགྱུར་ལྡོག་བྱུང་ཡོད་དེ། སྐམ་སར་འཚོ་བའི་རུས་སྦལ་ནི་སུག་བཞི་གོག་ནས་བགྲོད་རྒྱུར་འཕྲོད་པ་དང་། ཆུའི་ནང་འཚོ་བའི་རུས་སྦལ་གྱི་སུག་བཞིའི་སྡེར་མོའི་བར་དུ་སྐྱི་མོ་སྐྱེས་ཡོད་པའམ་ཡང་ན་སུག་བཞི་ཉ་གཤོག་གི་གཟུགས་སུ་སྐྱེས་ཡོད་པས་ཆུ་ལ་རྐྱལ་བར་འཕྲོད་པ་རེད། འཛམ་གླིང་ཡོངས་སུ་རུས་སྦལ་རིགས200ཙམ་ཡོད་པ་ལས་མང་ཆེ་བ་ཚ་ཁུལ་དང་དྲོད་ཁུལ་གྱི་སྐམ་ཆུ་གང་རུང་དུ་འཚོ་ཞིང་གནས་ཡོད། དཔེར་ན་གསེར་སྦལ་དང་། གླང་སྦལ། མཚོ་སྦལ། ཏའེ་ཁྲང་། གྲུ་པགས་རུས་སྦལ་སོགས་ལྟ་བུ་ཡིན།


ལོ་རྒྱུས།[རྩོམ་སྒྲིག]

པར་རིས་བར་འཁྱམས།[རྩོམ་སྒྲིག]

ཟིན་ཐོ་འམ་དཔྱད་གཞི།[རྩོམ་སྒྲིག]

དཔྱད་གཞིའི་དཀར་ཆག།[རྩོམ་སྒྲིག]

ད་དུང་གཟིགས།[རྩོམ་སྒྲིག]

ཕྱི་ཕྱོགས་དྲ་མཐུད།[རྩོམ་སྒྲིག]